From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨ་མདོ
|
Tibetan Definition
|
འབྲི་ཆུའི་སེ་བོའི་ལུང་རིང་བརྒལ་བའི་བ་ཡན་ཧ་རའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀྱི་རི་དང༌། མདོ་ལ་གཉིས་ཀྱི་མིང་བསྡོམས་པས་དེ་མན་ཆད་ལ་ཨ་མདོ་ཟེར།སྒྲ་བཤད་ཀྱང་དེས་ཤེས་སོ དེ་ངོས་ཀྱི་ཆུ་རྣམས་ཕྱོགས་འདྲེས་ཀྱིས་རྨ་གཡང་ཕྱུག་མོའི་གཞུང་དུ་འབབ་པ་ལ་རྨ་ཆུར་གྲགས་པ་མཚོ་སོ་ལོ་མའམ་སྐྱ་རེངས་ཀྱི་གཞུང་རྒྱུད་ལྷོ་ཕྱོགས་སུ་འཁྱོག་པའི་ཁུག་སོ་མན་ཆད་ཨ་མདོ་ཉིད་ལ་ངོས་འཛིན་དགོས་ཞེས་འབྱུང༌། ཡང་ཆོལ་ཁ་གསུམ་དུ་ཕྱེ་བའི་ཚེ་མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུའི་ཁུག་པ་ཡན་མདོ་སྟོད་མིའི་ཆོལ་ཁ། དེ་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་མདོ་སྨད་རྟའི་ཆོལ་ཁར་བྱེད། ཅེས་མདོ་སྨད་ཆོས་འབྱུང་ན་གསལ་བ་ལྟར་ལ། ཡང་དགེ་འདུན་ཆོས་འཕེལ་གྱི་རྒྱལ་རབས་དེབ་ཐེར་དཀར་པོ་ལས། ཨ་མདོའི་སྒྲ་བཤད་ལ ཨ་མདོ་བྱ་བ་ནི་མདོ་བྱ་བའི་ཚིག་འདིའི་སྔོན་འཇུག་དག་པར་ཀློག་པའི་དབང་གིས་ཨ་སྒྲ་ཞིག་སྔོན་ལ་རང་ཤུགས་ཀྱིས་བྱུང་བ་ཙམ་ཡིན་ལ། ཨ་མདོའི་ཡུལ་སྤྱི་ལ་སྔ་མོའི་དུས་ནས་ཙོང་ཁ་བདེ་ཁམས་སུ་གྲགས་ཤིང༌། ཞེས་གསུངས་པས་ཨ་མདོའི་སྒྲ་བཤད་ཚུལ་གཉིས་སུ་སྣང་ངོ༌། །
|