13298

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨ་མྲ
Tibetan Definition (ལེགས་སྦྱར) རྒྱ་གར་ཡུལ་སྐད་དུ་ “आम” ཨཱམ་ཞེས་པ་ནང་དུ་ཚིག་གུ་ཆེན་པོ་ཡོད་པའི་ཤིང་ཏོག་རོ་མངར་དང་ལྡན་པ་དེ་དང་དེའི་ཤིང་སྡོང་། ལེགས་སྦྱར་དུ་ आम्रं ཨ་མྲཾ་ཞེས་འབྲི་བར་བྱེད། རྒྱ་གར་སྤྱི་དང་ལྷག་པར་ལྷོ་ཕྱོགས་ལ་མང་། དབྱིན་ཇིས་Mango མེང་གྷོ་ཞེས་འབོད་པ་དེ་ཡང་རྒྱ་མིའི་སྐད་ “མང་ཀོ” འམ་ “མང་ཀོ་ཝ” ཟུར་ཆག་པའོ། །འདི་ལ་ལེགས་སྦྱར་དུ་ चूतः ཙཱུ་ཏཿ དང་། सहकारः ས་ཧ་ཀཱ་རཿཞེས་ཀྱང་བརྗོད། འདི་ལ་འབྲ་གོ་ཡང་ཟེར་ཏེ། ཐང་སན་ཙང་ལམ་ཡིག་ལས། ཨ་མྲ་ཞེས་པ་འབྲ་གོ་སྟེ་རིགས་གཉིས་ཡོད་པ་ཆེ་ཆུང་གཉིས་ལས་ཆུང་བ་ནི་ཁ་དོག་སྔོན་པོ་སྨིན་པ་ན་སེར་པོར་འགྱུར་རོ། །ཆེ་བ་ནི་སྨིན་པ་ཡང་སྔོན་པོར་གནས་པ་སྟེ་རིགས་གཉིས་སོ། །ཞེས་གསུངས།