From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨ་ཤྭཏྠཿ
|
Tibetan Definition
|
(ལེགས་སྦྱར) ཤིང་མྱ་ངན་མེད་དེ། བྱང་ཆུབ་ཤིང་གི་མིང༌། དེ་ཡང་བྱང་ཆུབ་ཤིང་ལ་ཕོ་མོའི་ཤིང་གཉིས་ཡོད་པའི་མོ་ལ་ཨ་ཤྭད་ཐ་ཟེར་ཏེ། དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས། །ཨ་ཤྭད་ཐ་ནི་བྱང་ཆུབ་ཤིང་ལ་ཕོ་མོའི་ཤིང་གཉིས་ལ་ཕོ་ལ་པིཔྤལ་དང་མོ་ལ་ཨ་ཤྭད་ཐ་ཟེར། ལོ་འདབ་སོགས་བྱང་ཆུབ་ཤིང་དང་ཁྱད་མེད་ཅིང་ལོ་མ་རྣོ་པོ་ཡོད། ཅེས་གསུངས་པ་ལྟར་རོ། །རྗེ་ཙོང་ཁ་པ་ཆེན་པོས་ཐུབ་དབང་ལ་བསྟོད་པ་ལས། མཁས་པའི་སྐྱེ་བོས་བསྟེན་པའི་མ་ག་དྷ། །མི་མཇེད་ཞིང་གི་སྙིང་པོ་རྡོ་རྗེའི་གདན། །གང་དེར་ལེགས་སྤྱད་བརྒྱས་བསྐྱེད་བྱང་ཆུབ་ཤིང༌། །ཨ་ཤྭད་ཐ་ཞེས་གྲགས་པ་དེའི་དྲུང་དུ། །བྱམས་པའི་མཚོན་གྱིས་བདུད་སྡེའི་དཔུང་བཅོམ་ནས། །ཞེས་གསུངས། བྱང་ཆུབ་ཤིང་ཞེས་པ་གཟིགས། རྟ་གནས། ཁྱད་པར་གནས། འཕགས་བོད་སྐད་གཉིས་ཤན་སྦྱར་ན་གསལ།
|