13317
Jump to navigation
Jump to search
ཨ་སུ་ར | |
Tibetan Definition | (ལེགས་སྦྱར) ལྷ་མ་ཡིན། ངེས་ཚིག་ནི། ཨ་ནི་དགག་སྒྲ། སུ་ནི་བཅུད་དེ། བཅུད་དང་མི་ལྡན་པ་ཞེས་པའོ། །དེ་ཡང་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༤བ༣ལས། རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བཅུད་ལྷ་རྣམས་ཀྱིས་བདག་ཏུ་བྱས་ཏེ། ལྷ་མ་ཡིན་རྣམས་ཀྱིས་མ་ཐོབ་པས་ཨ་སུ་ར་ཞེས་བྱ་སྟེ། བཅུད་དང་མི་ལྡན་པའོ། །ཞེས་གསུངས་སོ། །འདིའི་བཅུད་ཅེས་པ་གཙོ་བོ་བདུད་རྩིའི་བཅུད་ལ་གོ་དགོས། ཆང་ལའང་གོ་རུང་ངོ་། ། |
---|