13327

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨམ་བན
Tibetan Definition སྔར་མན་ཇུ་གོང་མའི་སྐབས་བོད་བཞུགས་སྐུ་ཚབ། ཕྱི་ལོ་༡༦༥༢ལོར་མན་ཇུ་གོང་མའི་རྒྱལ་པོ་དང་པོ་ཤུན་ཙིས་Shunzhi Emperor (དཔེ་མང་པོར། ཧྲུན་ཀྲི་དང་། ཤུན་ཀྲི་ཞེས་སྣང་། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས་་ “ཤུན་ཙི” ཞེས་སྣང) ཏཱ་ལའི་བླ་མ་ལྔ་པ་རིན་པོ་ཆེ་རྒྱ་ནག་ཏུ་པེ་ཅིང་དུ་གདན་དྲངས་ནས་རྒྱ་བོད་གཉིས་མཛའ་འབྲེལ་བྱུང་བའི་རྗེས་སུ། རྒྱ་ནག་གོང་མས་རྒྱ་ནག་གི་གཞུང་ཚབ་གི་ཚུལ་དུ་ཨམ་བན་ཟེར་བ་དེ་གཏོང་འགོ་ཚུགས་པར་སེམས། ཨམ་བན་ཞེས་པའི་ཚིག་འདི་ལོ་རྒྱུས་མཁས་པ་དག་གིས། དབྱིན་ཡིག་གི་Ambassador “ཨམ་བ” “ས་ཌ” ཟུར་ཆགས་པ་རེད་ཅེས་བོད་ཀྱི་ལོ་རྒྱུས་མཁས་དབང་བགྲེས་པ་ཚོས་གསུང་བ་ལྟར་བདེན་པར་སེམས། ཚིག་འདི་རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ ཀཱུ་ལའི་དེབ་དང་པོ་༡༡༨ལས། སྡེ་པ་རྒྱ་རི་བ་དཔོན་བློན་ནས་ “ཨམ་བན” ཚེ་དབང་དར་རྒྱས་འབོད་པར་གནང་བ་སླེབས། ཞེས་གསལ་ལོ། །