From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨར་མོ་ནིག
|
Tibetan Definition
|
2 (འདུལ་བ) འདུལ་བ་ནས་བཤད་པའི་སྟན་ཐགས་མ་ཁྲ་བོ་ཞིག་གི་མིང་དུ་བཤད། རྣམ་འབྱེད་འགྲེལ་༼ ཚུ ༽༡༧༧ན༥ལས། ཨར་མོ་ནིག་ཅེས་བྱ་བ་ནི་ཐགས་མ་ཁྲ་བའོ། །ཞེས་གསུངས་སོ། །མདོ་རྩ་བ་ལས། ཨར་མོ་ནིག་ནི་བསྙེན་པར་མ་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་སྟན་ཉིད་ཡིན་ནོ། །ཞེས་དང་། དེའི་དོན་ཅུང་ཁ་གསལ་བ་དེའི་ཐད་ཀྱི་སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་༼ ཡུ ༽༣༧༣ན༤ན་གསལ་བས་དེར་བལྟ་བར་བྱའོ། །བསྟན་དར་ལྷ་རམས་པས། ཨར་མོ་ནིག་ནི། སྟན་ཐགས་མ་ཁྲ་བོ་རིང་པོ། ཞེས་གསུངས་ཤིང་། ཚེ་ཏན་ཞབས་དྲུང་གི་མདོ་རྩ་བའི་བརྡ་བཀྲོལ་ལས་ཀྱང་། ཨར་མོ་ནིག་ནི་དྲེའུ་རྔོག་སྟེ་ཐགས་མ་ཁྲ་བོའི་གདན། ཞེས་གསུངས་སོ། །
|