13352

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨིནྡྲ་ནཱི་ལ
Tibetan Definition (ལེགས་སྦྱར) རིན་ཐང་ཆེ་བའི་རྡོ་རིགས་སྔོན་པོ་ཞིག ངེས་ཚིག་ནི། ཨིནྡྲ་དབང་པོ། ནཱི་ལ་སྔོན་པོ་སྟེ་དབང་སྔོན་ཞེས་བྱའོ། །གནའ་རབས་ཀྱི་རྒྱལ་པོ་ཚོས་འདིས་ཕྲག་དོག་དང་གནོད་འཚེ་ལས་སྐྱོབ་པའི་ཡིད་ཆེས་བྱེད། ཕྱི་རྒྱལ་བའི་སྐད་དུ། Sapphire ཟེར། ལེ་ཊིན་Latin གྱི་སྐད་དུ་Sapphire ཞེས་པ་སྔོན་པོའི་མིང་ཡིན་ཞིང༌། ཁ་དོག་སྔོན་པོ་གྲགས་ཆེ་ཡང༌། སེར་པོ་དང་ཟིང་སྐྱ་ལི་ཁྲི་བཅས་ཡོད་པར་དེང་དུས་ཀྱི་ཞིབ་འཇུག་པས་བཤད། འདིའི་ཐོག་མའི་འབྱུང་ཁུངས་ནི། Sri Lanka (Ceylon) ཡིན་པར་གྲགས་སོ། །