13366

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཨུ་ཤི་རའི་རི
Tibetan Definition (འདུལ་བ) རྩྭ་འདྲེས་མ་སྐྱེ་བའི་རི། འདུལ་བ་གཞིའི་རྒྱ་ཆེར་འགྲེལ་པ་༡༨༦བ༤ལས། བྱང་དུ་ནི་ཨུ་ཤི་རའི་རི་ཞེས་བྱ་བའོ་ཞེས་གསུངས་པས་དེའི་ནང་ནས་སོ། །ཞེས་གསུངས་ཤིང་། གཞན་ཡང་གཞུང་མང་པོ་ན་དེ་ལྟར་གསལ་ལོ། །བོད་རྒྱ་ཚིག་མཛོད་ཆེན་མོར། ཨུ་ཤི་རི་ཞེས་པ་རྩྭ་དྲེས་མའམ་དེ་སྐྱེས་པའི་རི། ཞེས་འབྱུང་བ་དེ་ལ་དཔྱད་པར་བྱ་སྟེ། ཨུ་ཤི་རི་ཞེས་པ་རྩ་དྲེས་མའི་དོན་ལ་འགྲེལ་ན་ “ཨུ་ཤི་ར” བརྗོད་དགོས་ལ། རྩ་དྲེས་མ་སྐྱེས་པའི་རི་ལ་འགྲེལ་ན་ “ཨུ་ཤི་རའི་རི” ཞེས་བརྗོད་དགོས་ཏེ། མཚོ་ཊཱིཀ་ལས། མའི་སོ་སོ་ཐར་པའི་འགྲེལ་པ་ལས་ཨུ་ཤི་ར་ཞེས་བྱ་བ་ནི་དྲེས་མའི་རྩ་བའོ་ཞེས་བཤད་ཅིང་དེ་ནི་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལས་ཀྱང་རྩྭ་དྲེས་མ་ཡིན་པར་བཤད་དོ། །ཞེས་གསུངས་སོ། །