From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨུད་ཙ་ཏིང་ག
|
Tibetan Definition
|
(ལེགས་སྦྱར) (འདུལ་བ) མཆོང་ཞིང་འགྲོ་བའི་སྲོག་ཆགས་ཤིག་སྟེ། ཁྱི་ཤིག་གི་མིང་ཡིན་པར་སྣང༌། དེས་སོ་བརྒྱབ་ན་ཕོ་མཚན་ལང་ཞེས་འདུལ་བ་ལུང་རྣམ་འབྱེད་སོགས་ལས་བཤད། དེ་ཡང་ཕོའི་དབང་པོ་ལས་རུང་དུ་བྱེད་པའི་རྒྱུ་ལྔ་ཡོད་པར་བཤད་དེ། བཤང་བས་ཉེ་བར་ནོན་པ་དང༌། གཅི་བས་ཉེ་བར་ནོན་པ། རླུང་གིས་ཉེ་བར་ནོན་པ། སྲོག་ཆགས་ཨུདཙ་ཏིང་གས་ཟིན་པ། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་དང་ལྔའོ། །ལྔ་པོ་འདི་སྡེ་དགེ་བཀའ་འགྱུར་འདུལ་བ་༼ ཅ་པ ༽ལུང་རྣམ་འབྱེད་༤༨ན༥ལས་གསུངས། བསྟན་དར་ལྷ་རམས་པས། ཨུདྩ་ཏི་ག་ཞེས་པ་ཁྱི་ཤིག་གི་མིང་དུ་བཤད་འདུག་པས་དེ་གཉིས་དོན་ཡིན་པར་སྣང་ཡང་དཔྱད། འདོད་ཆགས་བྲལ་བ་དགྲ་བཅོམ་པ་ལྟ་བུ་ལའང་། གོང་དུ་བཤད་པའི་ཕོའི་དབང་པོ་ལས་རུང་དུ་བྱེད་པའི་རྒྱུ་ལྔ་ལས། འདོད་ཆགས་ཀྱིས་ཀུན་ནས་དཀྲིས་པ་མ་གཏོགས་པ་ལྷག་མ་བཞི་པོ་རྣམས་ཡོད་པར་གོང་གི་ཤོག་གྲངས་ཀྱི་ཐད་ཀྱི་ལུང་རྣམ་འབྱེད་དུ་གསུངས་སོ། །འདི་ལ་ལོ་རྒྱུས་སྙན་པོ་ཞིག་ཀྱང་ཡོད་དེ། སྔོན་དགྲ་བཅོམ་པ་ཞིག་ལ་གཡན་པའི་སྙུང་གཞི་བྱུང་ནས་སྨན་པའི་སར་སོང་བ་ན། སྨན་པས་ཡུངས་མར་གྱིས་བསྐུས་ལ་ཉི་མར་ལྡེས་ན་ནད་སོས་པར་འགྱུར་རོ་ཞེས་སྨྲས་པ་ན། དགེ་སློང་དེས་ཁྱིམ་བདག་ཅིག་ལ་ཡུངས་མར་བསླངས་ཏེ། རང་གི་སྡོད་གནས་དབེན་པར་སོང་ནས་ཡུངས་མར་གྱིས་ལུས་ལ་བསྐུས་ཏེ་ཉི་མ་སྲོ་བཞིན་དུ་གཉིད་དུ་སོང་བ་ན། འབུ་ཨུད་ཙ་ཏིང་གས་རྨུགས་ཏེ་ཕོ་རྟགས་འགྲེངས་ནས་ཡོད་པ་ན། བུད་མེད་གཞོན་ནུ་མ་ལུས་སྟོབས་ཆེ་བ་ལྕི་བ་འཐུ་རུ་འོངས་པ་ཞིག་གིས་མཐོང་ནས། འདོད་ཆགས་ཆེར་སྐྱེས་ཏེ་དགེ་སློང་དེ་ལ་བཙན་གཡེམ་བྱས་ཀྱང་ཕམ་པའི་ལྟུང་བ་མ་བྱུང་བའི་ལོ་རྒྱུས་ཀྱང་དེའི་ཐད་དུ་གསལ་ལོ། །
|