From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཨོ་ཌི་བི་ཤ
|
Tibetan Definition
|
(ལེགས་སྦྱར) ཨོ་ཌི་བི་ཤའམ་ཀ་ལིདྒ་ཞེས་པ་ཨོ་རི་ས་ Orissa ཞེས་པའི་ཡུལ་དེ་ཡིན་ཞིང༌། ཡུལ་དེ་སྔོན་གསང་སྔགས་དར་བའི་གནས་ཡིན་ཞིང་ད་དུང་ཡང་དེར་ནང་པའི་སྔགས་ཉམས་སུ་ལེན་པ་ཡོད་ཅེས་ཟེར། ཡུལ་དེར་རྒྱ་མཚོའི་འགྲམ་དང་ཉེ་བ་ན་གྲོང་ཁྱེར་པཱུ་རི་ན་ཛ་གན་ནཱ་ཐ་བྱ་བའི་ཁྱབ་འཇུག་གི་ལྷ་ཁང་ངོ་མཚར་ཅན་དེ་ཡོད། ཅེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་ནང་གསལ། ཡང་འཇམ་མགོན་ཀོང་སྤྲུལ་སོགས་མཁས་པ་གཞན་གྱིས། ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ན་སྒྲུབ་གནས་རྡོའི་ལིང་ག་ནུ་མ་ལྟ་བུས་མཚན་པ་ཡོད་པ་བཞེད་དོ། །
|