1348

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡོན་ཅན
Tibetan Definition (འདུལ་བ) 1 འདི་གཡོ་སྒྱུ་ཅན་ཞེས་པའི་ཚིག་སྣ་བསྡུས་ནས་གཡོན་ཅན་ཞེས་བརྗོད་པའོ། །2 རྐུན་པོའམ་རྐུན་མའི་མིང་། དཔེར་ན་འདུལ་བ་ལུང་གཞི་ལས་སྨད་འཚོང་མ་བཟང་མོ་དང་གཡོན་ཅན་པདྨ་རྩ་ལག་ཅེས་པའི་གཡོན་ཅན་ཞེས་པའང་རྐུན་མ་ལ་ཟེར་བ་བཞིན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། གཡོན་ཅན་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་ཆོམ་རྐུན་བྱེད་པའོ། །ཞེས་གསུངས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་༡༥བ༤ལས། གཡོན་ཅན་ནི་ངོ་སྦེད་པའི་རྐུན་མའོ། །ཞེས་གསུངས་སོ། །3 བུད་མེད་ཀྱི་མིང་དུའང་བཤད། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་༥༥ལས། བུད་མེད་གཡོ་སྒྱུའི་རང་བཞིན་ཉིད་ཀྱི་ཕྱིར། །གཡོན་ཅན་ཞེས་གྲགས་དེ་ཚུལ་ཡོངས་མི་ཤེས། །ཞེས་སོགས་ལྟར་རོ། །4 ཞུམ་བུའམ་བྱི་ལ། 5 བདུད་ཀྱི་མིང་དུ་བཤད།