From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་གཞིའི་རྣམ་ཤེས
|
Tibetan Definition
|
(སེམས་ཙམ) 1 དགེ་མི་དགེ་ཀུན་གྱི་བག་ཆགས་བསྒོ་བའི་གཞིར་གྱུར་པའི་རྣམ་ཤེས། དེ་ཡང་ཚོགས་དྲུག་ལས་གཞན་ལས་དོན་གཞན་ཞིང་། བདག་རྐྱེན་དབང་པོ་ལ་མ་ལྟོས་པའི་རྣམ་ཤེས་ཤིག སྒྲ་བཤད་ནི། འགྲོ་བ་ལྔའི་སེམས་ཅན་ཀུན་ཉོན་ཡིད་ཀྱིས་བདག་ཏུ་ལྟ་བ་ལ་སྦྱོར་བའི་གཞི་ཡིན་པས་དེ་སྐད་ཅེས་བྱ། 2 (བཀའ་བརྒྱུད) སེམས་ངོ་མ་ཤེས་པའི་གནས་སྐབས་ཀྱི་སེམས་ལ་ཀུན་གཞིའི་རྣམ་ཤེས་ཟེར། དེ་ཡང་འཁོར་བའི་དངོས་ཀྱི་རྒྱུ་ཡིན་ལ་མྱང་འདས་ཀྱི་རྒྱུ་མ་ཡིན་པར་བཤད།
|