1351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཡོན་མིག་མ
Tibetan Definition བུད་མེད་མཆོག་གི་རྣམ་གྲངས་ཤིག སྒྲ་བཤད་ནི། མིག་མཛེས་པས་ན་གཡོན་མིག་མ་ཞེས་མངོན་བརྗོད་མཁས་པའི་རྣ་རྒྱན་ལས་གསུངས་ཀྱང༌། གཡོ་འཕྲུལ་གྱི་མིག་གིས་ལྟ་བས་དེ་ལྟར་དུ་བཏགས་པར་སེམས་ཏེ། དེ་ཡང་གཡོན་ནི་གཡོ་སྒྱུའམ་འཕྲུལ། འདིའི་འཕྲུལ་ནི་འཕྲུལ་བཤད་ཅེས་པའི་འཕྲུལ་དེ་ཡིན་ལ་དེ་ལྟ་བུའི་མིག་གིས་ལྟ་བས་དེ་ལྟར་བཏགས་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། མིག་ཟུར་གྱིས་ལྟ་བ་དང༌། མིག་ཕྱེད་བཙུམ་སྟེ་ལྟ་ཞིང་བལྟས་ནས་མྱུར་བ་མྱུར་བར་འཛུམ་པ་དང་ཞེས་སོགས། བུད་མེད་ཀྱི་སྒྱུ་རྣམ་པ་སུམ་ཅུ་རྩ་གཉིས་གསུངས་པས་སོ། །