1355

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གར་གྱི་ཉམས་དགུ
Tibetan Definition གར་སྟབས་ཀྱི་རྣམ་འགྱུར་དགུ། གར་འཁྲབ་སྐབས་ཀྱི་རྣམ་འགྱུར་ལ། ༡ སྒེག་པ་དང་། ༢ དཔའ་བ། ༣ མི་སྡུག་པ། ༤ དྲག་ཤུལ། ༥ བཞད་གད། ༦ འཇིགས་རུང་། ༧ སྙིང་རྗེ། ༨ རྔམ་པ། ༩ ཞི་བ་དང་དགུའོ། །དེ་ཡང་རྒྱན་མདངས་ཀྱིས་སྒེག་པ། འགྱིང་ལ་རོལ་པས་དཔའ་བ། སྤྱན་ལོག་ཁྲོ་གཉེར་གྱིས་མི་སྡུག་པ། ཧི་ཧི་དང་ཧཱུྃ་ཕཊ་སྒྲོག་པས་དྲག་ཤུལ་དང་ལྡན་པ། འཛུམ་ཞིང་ཧ་ཧའི་སྒྲས་བཞད་གད། སོ་ཐམ་པ་དང་མགོ་གུག་ཅིང་མཚོན་ཆ་ཕྱར་གདེངས་ཀྱིས་འཇིགས་སུ་རུང་བ། སྤྱན་དམར་ཟིམ་ཟིམ་དང་གཞོན་ཤས་སྙིང་རྗེ། ཞལ་གདངས་རྐན་རྡེབ་པའི་རྔབ་པ། མཉེན་ལྕུག་འཇམ་པའི་མིག་སྣ་རྩེར་བལྟས་པས་ཞི་བ་སྟེ་དགུའོ། །