From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསང་ཆབ
|
Tibetan Definition
|
གསང་ཆབ་ཅེས་པ་གཅིན་པར་ཞེ་ས་ཡིན། དེ་ཡང་བླ་མ་སྐྱེས་ཆེན་དམ་པའི་གཅིན་པ་ལ་ཞེ་སའམ་ཆེ་མཐོང་བྱས་ནས་གསང་ཆབ་ཅེས་བརྗོད། འདི་མྱངས་ན་ནད་ཡམས་དང་ཆམ་རིམས་སོགས་ལ་ཕན་པོ་ཡོད། ཕྱི་ལོ་༡༩༧༣ཡས་མས་ལ་ངེད་ཀྱི་བླ་མ་དམ་པ་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་འབུམ་གྱི་ཞལ་སྔ་ནས་ཀྱིས་༸རྒྱལ་བ་ཡབ་སྲས་རྣམས་ལས་གསང་ཆབ་ (འདི་ཡང་སློབ་མ་དམ་ཚིགས་ཅན་རྣམས་ལ་མ་གཏོགས་གང་བྱུང་ལ་མི་གནང) ཞུས་ཏེ་ཤེལ་དམ་གཙང་མའི་ནང་ཉར་ཚགས་ཀྱིས་ངེད་རྣམས་ལ་སྐབས་རེར་བྱིན་རླབས་ཀྱི་ཚུལ་དུ་གནང་གི་ཡོད། ཕྱིས་སུ་སྐུ་སྒེར་ཡིག་ཚང་ནས་དགག་དགོས་ཀྱི་དབང་གིས་དེ་འདྲའི་རིགས་གནང་རྒྱུ་མཚམས་འཇོག་གནང་སོང༌། དཔའ་བོ་གཙུག་ལག་ཕྲེང་བའི་རང་རྣམ་ལས། གནས་སྐབས་ནད་དང་འཚེ་བ་ཅིང་བྱུང་ཡང༌། །གསང་ཆབ་ (ཀརྨ་པ་མི་བསྐྱོད་རྡོ་རྗེས) བསྩལ་བ་འཐུངས་པས་གཞི་མེད་སོས། །ཡིད་ལ་འདོད་པའི་དོན་ཀུན་མ་ལུས་པ། །ཕལ་ཆེར་གསོལ་བ་བཏབ་པ་ཙམ་གྱིས་གྲུབ། །ཅེས་གསུངས་པ་ལྟར་རོ། །
|