1428

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསང་བའི་དམ་པ
Tibetan Definition 2 བདག་གཞན་མཉམ་བརྗེའི་བློ་སྦྱོང་གི་ཉམས་ལེན་གྱི་མིང་། འདི་ལ་གསང་བའི་དམ་པའི་ཞེས་བརྗོད་པའི་རྒྱུ་མཚན་ནི། སྣོད་མིན་གསང་ཞིང་ཐེག་པ་ཆེན་པོའི་ཉམས་ལེན་གྱི་གནད་མཐར་ཐུག་པ་ཡིན་པས་ན་དེ་སྐད་ཅེས་བྱའོ། །སྤྱོད་འཇུག་ལས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་དང་། སྤྱོད་འཇུག་དར་ཊཱིཀ་ལས་ཀྱང་། རྒྱུ་མཚན་དེས་ན་གང་ཞིག་བདག་དང་གཞན་རྣམས་ནི་སྲིད་པ་དང་ཞི་བའི་རྒྱུད་པ་ལས་མྱུར་དུ་བསྐྱབ་པར་འདོད་པ་དེས་བདག་དང་གཞན་དུ་བརྗེ་བྱ་བ་སྣོད་མིན་ལ་གསང་ཞིང་ཐེག་པ་ཆེན་པོའི་ལམ་གྱི་གནད་མཐར་ཐུག་པ་གསང་བའི་དམ་པ་སྤྱད་པར་བྱའོ། །ཞེས་གསུངས།