From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་ཏུ་བཟང་པོ
|
Tibetan Definition
|
3 ཞལ་གསུམ་ཕྱག་དྲུག་པའི་ཡི་དམ་གྱི་ལྷ་ཞིག རྗེའི་སྔགས་རིམ་ཆེན་མོ་ལས། ཀུན་ཏུ་བཟང་པོ་ནི། དཀར་སྔོ་དཀར་བའི་ཞལ་གསུམ་ཕྱག་དང་པོ་གཉིས་འཁྱུད་པའི་ཕྱག་རྒྱ་ཅན་གཡས་འོག་མ་གཉིས་རྡོ་རྗེ་དང་རལ་གྲི། གཡོན་འོག་མ་གཉིས་རིན་པོ་ཆེ་དང་པདྨ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་སྒྲུབ་ཐབས་ཀུན་བཟང་གི་འགྲེལ་གཉིས་སུ་བཤད་པ་ལྟར་རམ། གཞུང་ཁུངས་མ་གཞན་ནས་བཤད་པའི་ཀུན་ཏུ་བཟང་པོ་བསྐྱེད་དོ། །ཞེས་གསུངས་པ་ལྟར་རོ། །འདི་དང་གོང་གི་དེ་གཉིས་ཟློས་སྐྱོན་ཡིན་མིན་དཔྱད་པར་འོས་སོ། །
|