1471
Jump to navigation
Jump to search
གསལ་བྱེད | |
Tibetan Definition | (བརྡ་སྤྲོད) རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བར་བྱེད་པས་ན་གསལ་བྱེད་ཅེས་བརྗོད་པ་ཡིན། བོད་ཡིག་གི་གསལ་བྱེད་ཀ་ནས་ཨའི་བར་སུམ་ཅུ་ཡོད་དོ། །གསེར་ཏོག་སུམ་འགྲེལ་༣༢ལས། གནས་དང་བྱེད་པའི་རྣམ་འགྱུར་གསལ་ཞིང་། མིང་དང་ཚིག་དང་བརྗོད་པ་མཚོན་པར་བྱེད་པའི་གཞི་ཡིན་པས་ན་གསལ་བྱེད་ཅེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། ། |
---|