1476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསུག
Tibetan Definition 1 ལྐོག་རྔན་དང་། གསང་སྟེ་གཞལ་དུ་འཇུག་པ་བཅས་ཀྱི་དོན་དུ་བཤད། སྦྱིན་བདག་གིས་མ་ཤེས་པར་གཡོག་པོ་ལ་རྔན་པ་སྟེར་ནས་འབྲུ་སོགས་མང་དུ་གཞལ་དུ་འཇུག་པའི་དོན་ནོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༥༡བ༢ལས། གསུག་ཅེས་བྱ་བ་ནི་གསང་སྟེ་གཞལ་དུ་གཞུག་པའོ། །ཞེས་གསུངས་པ་ལྟར་རོ། །ས་སྐྱ་ལེགས་བཤད་ལས། ཆེན་པོ་རྣམས་ལ་གསུག་ཟོས་པའི། །ཉེན་གྱིས་བརླག་པར་འགྱུར་བ་མང༌། །གཞན་ཡང་། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལས། ཡང་དག་གདམས་ཀྱང་ཁྲོ་བས་ཀུན་སློང་འགོག་ཏུ་མེད་པས་ཡབ་ཀྱི་ཚིག་ལ་ཉན་དུ་མ་འདོད་དེ་བློན་པོ་འགའ་ལ་གསུག་བྱིན་ཏེ་མགུ་བར་བྱས་ནས་སྲོག་འཕྲོག་པའི་སྟ་གོན་ལ་ཞུགས་སོ། །ཞེས་པ་ལྟ་བུ།