149

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་ཏུ་བཟང་པོའི་སྤྱོད་པ
Tibetan Definition 2 སྤྱོད་པ་གསུམ་གྱི་ནང་གསེས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ། ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་སྟེ། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། ཕྱག་རྒྱ་ཆེན་པོ་དེའི་ཡེ་ཤེས། །དེ་ཡི་སྤྲོས་བཅས་སྤྱོད་པ་ནི། །ཨིནྡྲ་བྷཱུ་ཏིས་མཛད་པ་ཡིན། །དེ་ཡི་སྤྲོས་མེད་སྤྱོད་པ་ལ། །བྷཱུ་སུ་ཀུ་ཞེས་སངས་རྒྱས་གསུངས། །དེ་ཡི་ཤིན་ཏུ་སྤྲོས་མེད་ལ། །རིམ་གཉིས་བརྟན་པར་བྱ་བའི་ཕྱིར། །གྲུབ་ཐོབ་རྣམས་ཀྱིས་མཛད་པ་ནི། །ཀུན་ཏུ་བཟང་པོའི་སྤྱོད་པར་བཤད། །ཅེས་གསུངས་པ་ལྟར་རོ། །