1495

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གསུམ་ཚ
Tibetan Definition རང་གི་བུ་ཕྲུག་གི་བུ་ལ་ཚ་བོ་དང་། དེའི་ཕྲུག་གུ་ལ་ཡང་ཚ་དང་། (ཡང་ཚ་ནི་རང་གི་ཕ་ནས་བརྩིས་པའི་མི་རབས་བཞི་པ་ཡིན) དེའི་ཕྲུག་གུ་ལ་གསུམ་ཚ་ཟེར། (གསུམ་ཚ་ནི་རང་གི་ཕ་ནས་བརྩིས་པའི་མི་རབས་ལྔ་པ་ཡིན) ཇོ་བོའི་བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་གྱི་ནང་ནས་པཎྜི་ཏ་ཧ་ལ་ནག་པོ་ཞེས་པས་ཇོ་བོ་བོད་དུ་བྱོན་ཁར་ཁྱོད་བོད་དུ་ཕྱིན་ན་ཕ་ལས་བུ་རྫིག བུ་ལ་ཚ་བོ་རྫིག ཚ་བོ་ལས་ཡང་ཚ་རྫིག ཡང་ཚ་ལས་གསུམ་ཚ་རྫིག་པ་ཞིག་འོང་། དེ་ནས་འཆལ་ཏེ་འགྲོ་ཞེས་ལུང་བསྟན་པ་ལྟར་རོ། །