From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསུར
|
Tibetan Definition
|
<གནྡྷ> མི་ནག་པའི་ཡུལ་སྲོལ་ལ་ཚེ་འདས་བར་དོ་བའམ་དྲི་ཟའི་རིགས་ལ་དཀར་གསུམ་མངར་གསུམ་དང་རྩམ་པ་ཇ་མར་སོགས་བསྲེས་ནས་མེར་བསྲེགས་པའི་དྲིའི་སྦྱིན་གཏོང་ཞིག་གི་མིང་། འདི་ལ་གསུར་གཏོང་བ་ཟེར། སེར་འབྲས་སོགས་གདན་ས་ཆེན་པོ་ཁག་ལ་དེ་འདྲ་བྱེད་སྲོལ་མེད། དེ་གྲོང་གསེབ་པའི་ལུགས་སྲོལ་ཡིན། སྤྱིར་བཏང་གསུར་གྱི་ལེགས་སྦྱར་གྱི་སྐད་དོད་གནྡྷ་ཞེས་པ་དྲིའམ་དྲི་མའི་དོན་ཡིན། སྒྲ་བཤད་ནི། གསུར་ཞེས་པ་དེ་བཞིན་གཤེགས་པ་གཟུགས་མཛེས་ཀྱི་མཚན་སྔགས་ “སུ་རཱུ་པ” ཞེས་པ་ལས་གྲས་ནས་མིང་དེ་ལྟར་བཏགས་པར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་«གསུར་ཆོག་གི་རིམ་པ་ཡིད་བཞིན་འདོད་འཇོ»ལས་གསུངས་སོ། །གསུར། བསུང་། དྲི་བསུང་། དྲི་རྣམས་དོན་གཅིག ཇ་གསུར། མར་གསུར། དཀར་གསུར། དམར་གསུར་ལྟ་བུ།
|