From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གསོབ་གསོག་བརྫུན་དུ་སྨྲ་བ
|
Tibetan Definition
|
(འདུལ་བ) བརྗོད་བྱས་སྟོང་ཞིང་སྙིང་པོ་མེད་པའི་བརྫུན་ཚིག་སྨྲ་བ། འདུལ་བ་ལུང་གཞི་༼ ཀ་པ ༽ལས། ཚེ་དང་ལྡན་པ་དག་བདག་གིས་ནི་མི་ཤེས་པར་ཤེས་སོ་ཞེས་སྨྲས། མ་མཐོང་པར་མཐོང་ངོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་དེ་ཡང་ཕམ་པར་གྱུར་བ་ཡིན་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་འདི་བཀའ་སྩལ་ཏེ། ཞེས་གསུངས་སོ། །སྒྲ་བཤད་ནི། ཚིག་བརྗོད་བྱས་སྟོང་པས་ན་གསོབ། དགོས་པའམ་སྙིང་པོ་མེད་པས་ན་གསོག ལོག་པར་འདུ་ཤེས་པས་སྨྲ་བས་ན་བརྫུན་ནོ། །
|