From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀ່་ཤུ་ཀ
|
Tibetan Definition
|
(ལེགས་སྦྱར) རྒྱ་སྐྱེགས་ཀྱི་ཤིང་། ཐད་ཀར་བསྒྱུར་ན། ནེ་ཙོ་ཡིན་ནམ་ཅི་ཞེས་པ་ཡིན། དེ་ཡང་“ཀིན”ནམ་“ཀིམ”ནི་འདྲི་བ་དང་། ཤུ་ཀ་ནི་ནེ་ཙོའི་མིང་ངོ་། །དཔེར་ན་མིའམ་ཅི་ལ། ལེགས་སྦྱར་དུ་ ཀ່ན་ར་ཞེས་པ་ལྟ་བུའོ། །དེ་ཡང་ཤིང་དེའི་ལོ་མ་རྣམས་ནེ་ཙོའི་གཤོག་པ་ལྟར་མདོག་ཤིན་ཏུ་ལྗངས་ཁུར་ཡོད་པས་མིང་དེ་ལྟར་ཐོགས་པར་སེམས། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་མདོ་སྡེ་༼ སེ ༽༣༠༣ན༣ལས། ཀ່་ཤུ་ཀ ནེ་ཙོའམ་ཅི་སྟེ། ཡིད་ཤིན་ཏུ་འཕྲོག་པའི་མདོག་ཅན་ཏེ། མཁས་པའི་རྒྱན་གྱི་དྲིས་ལན་ལས། ཅི་འདབ་ཆགས་ནེ་ཙོ་གཞོན་ནུ་ཚོགས་པར་གྱུར་པའམ། ཡང་ན་ནི། དཔྱིད་ཀ་གསར་པའི་མེ་ཏོག་རྒྱས་པའི་ཕྱིར་ཀ່་ཤུ་ཀའི་ཤིང་ཉིད་དོ་ཞེས་སོ། །ཞེས་གསུངས། ཀ່་ཤུ་ཀ िंकशुक Kimsûka ཞེས་པ་བྲིས་པའང་སྣང་།
|