1603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོ་ཊའི་རྒྱལ་པོ
Tibetan Definition རྒྱ་གར་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གཽ་རཱི་དང་གཽ་ཊཱ་ཞེས་འབྱུང་བས་གཽ་རཱི་དང་གཽ་ཊཱ་ནི་དཀར་མོ་ཟེར་བ་ཡིན་པས་ཡུལ་དེའི་རྒྱལ་པོ་ཞིག་གི་མིང་ཡིན་ནམ། ཡང་ན། སོར་མོའི་འཕྲེང་བའི་མིང་ཡིན། དེ་ཡང་སོར་མོའི་འཕྲེང་བའི་མིང་བཟུང་ནས། ལོག་འདྲེན་ཕལ་གྱིས་བསྲུང་བར་བཤད། ཅེས་པ་སོར་འཕྲེང་ཅན་གྱིས་མི་དགུ་བརྒྱ་དང་གོ་དགུ་བསད་པའི་ཚེ་དེའི་མིང་ཐོས་པ་ཙམ་གྱིས་སྲོག་ཆགས་ཐམས་ཅད་སྐྲག་ནས་སྦྲུམ་མ་རྣམས་ཀྱང་བུ་བཙའ་བར་མི་ནུས་པར་གསུངས་པས་དེ་ཡིན་ནམ་སྙམ་ཞེས། དབྱངས་ཅན་དགའ་བློའི་ས་སྐྱ་ལེགས་བཤད་ཀྱི་བརྡ་བཀྲོལ་ལས་བཤད་དོ། །ས་སྐྱ་ལེགས་བཤད་ལས། བསོད་ནམས་ལྡན་པའི་ཚིག་ཙམ་ཡང༌། །ཉམ་ཆུང་རྣམས་ཀྱིས་བཟོད་པར་དཀའ། །གོ་ཊའི་རྒྱལ་པོའི་ཚིག་ཙམ་གྱིས། །རྒྱ་མཚོའི་རྒྱལ་པོ་བཅིངས་ཞེས་གྲགས། །ཞེས་གསུངས་པ་ལྟ་བུ།