1607

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོ་མྱོང་རྟོགས་གསུམ
Tibetan Definition (ཕྱག་ཆེན) གོ་བ་དང་། ཉམས་མྱོང་། རྟོགས་པ་དང་གསུམ་སྟེ། ལྟ་བ་ལ་ཐོས་བསམ་གྱི་གོ་བ། བསྒོམས་བྱུང་གི་ཉམས་མྱོང་། མྱོང་བ་མཐར་སོན་པའི་མངོན་སུམ་གྱི་རྟོགས་པ་གསུམ་ལ་ཟེར། དེ་ཡང་དཔེར་ན། རྒྱ་གར་རྡོ་རྗེ་གདན་ལྟ་བུའི་ལོ་རྒྱུས་ཐོས་པས་དེའི་དོན་སྤྱི་ཤར་བ་གོ་བ། དེ་ཉིད་མིག་ལམ་དུ་གྱུར་ནས་བཀོད་པ་རགས་རིམ་མཐོང་བ་ཉམས་མྱོང་། དེའི་གནས་ཚུལ་ཞིབ་ཏུ་ངེས་ནས་བློ་ཁོག་ཏུ་ཚུད་པ་རྟོགས་པ་དང་མཚུངས་པར་གསུངས་སོ། །