1632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོང་དུ་ཆུད་པ་འཕྲོག་པ
Tibetan Definition ཁྱིམ་མམ་མཛོད་སོགས་ནས་འཕྲོག་པའི་དོན། གོང་དུ་ཆུད་པ་ཞེས་པ་དམར་མཆན་དུ། བྲང་དུ་ཆུད་པ་ཞེས་འབྱུང་བའི་བྲང་ནི་བྲང་ཁང་གི་མིང་སྟེ། འདུག་སའི་ཁང་པ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པས། གོང་དུ་ཆུད་པ་ནི། བསྡུ་བར་གྲོང་དུ་ཆུད་པ་ཞེས་འབྱུང་བས་ཁོ་རང་གི་ཁྱིམ་མམ་མཛོད་ལྟ་བུ་ནས་འཕྲོག་པ། ཞེས་དང་། གྲོ་ལུང་པའི་བསྟན་རིམ་ཆེན་མོར་ཡང་། གྲོང་དུ་ཆུད་པ་ཞེས་འབྱུང་བས། གྲོང་པའི་ནང་ཁྱིམ་སོགས་ནས་འཕྲོག་པའི་དོན་ནོ། །ཡང་རྨོངས་བློར་ཤར་ཚོད་གཅིག་ལ། གོང་མ་སྐྱེས་བུ་དམ་པའི་ཕྱག་ཏུ་ཆུད་པ་འཕྲོག་པ་ཞེས་པ་ཡིན་ནམ་སྙམ། ཞེས་དབྱངས་ཅན་དགའ་བློའི་གསུང་།