164

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀུན་དགའ་ར་བ
Tibetan Definition 2 སྐྱེད་མོས་ཚལ། ནགས་ཀྱི་ལྡུམ་རའམ། མཚོ་ཊཱིཀ་མཆན་བུ་ལས། སྐབས་གཞན་དུ་ནི་གཙུག་ལག་ཁང་ལ་ཀུན་དགའ་ར་བ་ཞེས་བརྗོད་ཅིང་། སྐབས་འདིར་ནི་ནགས་ཀྱི་ལྡུམ་རའི་མིང་ལ་ཀུན་དགའ་ར་བ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ། །ཡབ་སྲས་མཇལ་བའི་མདོ་ལས། སེར་སྐྱའི་གནས་འདི་ཉིད་ན་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །ཞེས་དང་། ནྱ་གྲོ་དྷའི་ར་བ་ཉམས་དགའ་བར། །རྒྱལ་པོ་ཟས་གཙང་དེ་དང་གང་གི་ཚེ། །འཇིག་རྟེན་མགོན་པོ་འཕྲད་པ་དེ་ཡི་ཚེ། །ཞེས་གསུངས་པ་ལྟར་རོ། །