1654

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གོས་བྱེད་པའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་ཉེར་བཞི་པ། གོས་བྱེད་པའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པའི་དགེ་སློང་མའི་གོས་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་འཆར་ཀས་དགེ་སློང་མའི་གོས་བཟོ་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པའོ། །སོ་སོ་ཐར་པའི་མདོ་ལས། གོས་སྦྱིན་པའི་རྗེས་སུ་གོས་བྱེད་པ་འདི་གསུངས་ཀྱང། འདིར་གོ་རིམ་བསྒྱུར་ནས་གསུངས་པ་ནི། གོས་བྱེད་པ་ནི་གོས་སྦྱིན་པའི་རྒྱུ་ཡིན་པའི་ཕྱིར་རོ། །