From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཽ་ཏ་མ
|
Tibetan Definition
|
(ལེགས་སྦྱར) 1 སྟོན་པ་ཤཱཀྱ་ཐུབ་པའི་མཚན་གྱི་རྣམ་གྲངས་ཤིག ངེས་ཚིག་ནི། གཽ་ཏ་མ་ཞེས་པ་བསྒྱུར་ན་རིགས་མཆོག་ཅེས་བྱ་བ་ཡིན་ཏེ། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༧ན༣ལས། གོ་ཏྲ་ནི་རིགས་ལ་ཨུཏྟམ་ནི་མཆོག་གོ། ཞེས་གསུངས་པ་ལྟར་རོ། །དེ་ཉིད་ལས་༢༥༧ན༣ལས། གཽ་ཏ་མ་ནི་ཐུབ་པ་སེར་སྐྱའི་རིགས་སུ་སྐྱེས་པའོ། །དེའི་སློབ་མ་ནི་ཤཱཀྱ་གཽ་ཏ་མ་སྟེ་བཅོམ་ལྡན་འདས་ཀྱང་དེའི་རིགས་སུ་འཁྲུངས་པས་ན་གཽ་ཏ་མ་སྟེ། ཞེས་གསུངས་སོ། །པཎ་ཆེན་ཤཱཀ་མཆོག་པའི་སྒྲའི་གནས་བྱེ་བྲག་ཏུ་རྟོགས་པར་བྱེད་པ་༧༤བ༢ལས། གཽ་ཏ་མ་བླ་མ་ཡི། །རིགས་ཞེས་བྱ་བའི་ལེགས་སྦྱར་སྐད། །ཅེས་བླ་མའི་རིགས་ཀྱི་དོན་དུ་གསུངས་པའང་གོང་དང་འདྲའོ། ། 2 དྲང་སྲོང་གཽ་ཏ་མའི་རིགས་རྒྱུད་ཀྱི་མིང་།
|