From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྱད
|
Tibetan Definition
|
ཤུགས་རྩལ་འགྲན་མཁན་གྱི་མི་སྟོབས་ཤིན་ཏུ་ཆེ་བ་དེ་དག་གི་མིང་། ཕྱི་རྒྱལ་བས་Wrestler ཟེར་བ་དེའོ། །ལྷག་པར་རྒྱལ་པོས་བྲན་གཡོག་ཏུ་ཉར་བའི་ཤུགས་རྩལ་འགྲན་མཁན་གྱི་ལུས་སྟོབས་ཧ་ཅང་ཆེ་བའི་མིའི་མིང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། གཡུལ་འགྱེད་པ་ལ་བརྩོན་པ་ནི་གྱད་ཡིན་ལ། ཞེས་གསུངས། འདུལ་བ་ལུང་གཞི་༼ ག་པ ༽༡༡ན༦ལས། དགེ་སློང་དག་སྔོན་བྱུང་བ་གྱད་གཅིག་གིས་ཡུལ་ལྗོངས་ཀྱི་གྱད་ཐམས་ཅད་བརྡབས་ནས་རྒྱལ་པོའི་ཕོ་བྲང་དུ་ཕྱིན་པ་དང༌། རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོའི་གྱད་སྟོབས་དང་ཕ་རོལ་གནོན་པ་ཐུབ་རླག་པ་ཞིག་ཡོད་དེ། དེ་དེ་དང་ལྷན་ཅིག་རྒྱལ་མཚན་གྱི་ཕྱིར་སྟོབས་འགྱེད་པ་ལ་ཞུགས་སོ། །གྱད་དེ་དག་གི་ཀུན་ཏུ་སྤྱོད་པ་ནི་ལག་པ་ནས་བཟུང་བ་ཁོ་ནས་གྱད་ཀྱིས་གྱད་ཤེས་པ་ཡིན་པས། ཞེས་དང་། ཡང་དེ་ཉིད་ལས། ཇི་ཙམ་ན་གྱད་ཀྱིས་གྱད་གཅིག་བརྡབས་པས་དེའི་ནང་གྲོལ་རྣམས་འཁྲུགས་ནས་དེ་ཤིའོ། །ཞེས་སོགས་ཆེས་མང་དུ་འབྱུང་ངོ་། །
|