1691

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྱོས་པོ
Tibetan Definition ཁྱོ་དང་ཆུང་མའི་ཕ། དབྱིན་སྐད་དུ་ father-in-law ཟེར་བ་དེའོ། །མཚོ་ཊཱིཀ་ལས། བུད་མེད་འདི་ཅིའི་ཕྱིར་གྱོས་པོའི་གན་དུ་ཚུར་ལ་མི་བཀྲི་ཟེར་བ་དག་ཀྱང་ཉེས་སོ། །ཞེས་གསུངས་པ་ལྟར་རོ། །ཡང་སོ་ཐར་གྱི་མདོའི་འགྲེལ་པ་ལས། མཛའ་ན་མོ་བཅུ་གང་ཞེ་ན། མས་བསྲུངས་པ་དང་། མིང་པོས་བསྲུངས་པ་དང་། ནུ་མོས་བསྲུངས་པ་དང་། སྒྱུག་མོས་བསྲུངས་པ་དང་། གྱོས་པོས་བསྲུངས་པ་དང་། ཉེ་དུས་བསྲུངས་པ་དང་། རིགས་ཀྱིས་བསྲུངས་པ་དང་། རུས་ཆགས་ཀྱིས་བསྲུངས་པ་དང་། རྣམ་པར་འཁྲུགས་པ་མེད་པའོ། །ཞེས་གསུངས་པ་ལྟར་རོ། །