1703
Jump to navigation
Jump to search
གྲགས་པ་རྣམ་གསུམ | |
Tibetan Definition | དཔལ་ལྡན་ཟླ་བ་གྲགས་པ། ཕ་ཚབ་ལོ་ཙཱ་བ་ཉི་མ་གྲགས། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་གསུམ་མོ། །སེ་ར་ཀུན་མཁྱེན་པའི་བསྟོད་པ་དགེ་ལེགས་དཔལ་འབར་མ་ལས། སྐྱེ་བ་ཀུན་ཏུ་ཁྱོད་གསུང་ལྕགས་ཀྱུ་ཡིས། །ལེགས་པར་དྲངས་ཏེ་བདག་ཡིད་གླང་པོ་ཆེ། །གྲགས་པ་རྣམ་གསུམ་གཞུང་གི་ལམ་བཟང་ནས། །ཐར་པའི་གྲོང་མཆོག་འཇུག་པར་བྱིན་གྱིས་རློབས། །ཞེས་པའི་གྲགས་པ་རྣམ་གསུམ་གོང་དུ་བཤད་པའི་སྐྱེས་མཆོག་གསུམ་ལ་ཞུ་བ་ཡིན། |
---|