1705

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲང
Tibetan Definition 1 འབྱེད་སྡུད་ཀྱི་སྒྲ་ “གམ” “ངམ” “དམ” “ནམ” སོགས་དང་ཆ་འདྲ་བའི་བཟློག་སྟེ་དྲི་བའི་ཚིག་དང་ཐེ་ཚོམ་བཅས་ལ་འཇུག་པའི་ཚིག་ཕྲད་ཅིག དཔེར་ན་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས། འོན་ཏེ་ཆོས་པ་དག་ལས་ཟོག་པོ་བྲིན། །དྲང་པོའི་མི་བས་གཡོ་ཅན་དཔུང་པ་དར། །སྡིག་ཅན་སོག་ལེའི་སེམས་ཅན་བླ་གཟུགས་འགས། །ཕན་བདེའི་འཁྲི་ཤིང་གཅོད་པ་མི་འགྱུར་ (རམ) གྲང་། །ཞེས་གསུངས་པ་ལྟ་བུ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལས། ཉེ་དུ་འཁོར་བཅས་མངོན་སུམ་སྡུག་བསྔལ་གྱིས། །མནར་ལ་སྙིང་རྗེའི་ཡུལ་རྣམས་བོར་བཞིན་དུ། །མཐའ་ཡས་འགྲོ་དོན་སྤྱོད་ཅེས་རི་ཀླུང་དུ། །གཤེགས་བཞེད་ཐུགས་ནི་འགལ་བར་མ་གྱུར་(ཏམ) གྲང་། །ཞེས་པ་ལྟ་བུ། གཞན་ཡང་། ཁོ་བོས་བྱས་པའི་«གྲྭ་སའི་སློབ་གཉེར་བར་བསྟོད་པ་བུང་བ་གཞོན་ནུའི་འདབ་གླུ་ལས» ཉམ་ཆུང་ཁྱིམ་པས་བཟའ་བཏུང་མི་བྲག་པར། །ཁྲག་གསོག་རྣག་གསོག་བྱས་པའི་དད་རྫས་རྣམས། །གྲྭ་བཙུན་རྣམས་ཀྱིས་བག་མེད་ལོངས་སྤྱད་ན། །སྲས་བཅས་རྒྱལ་བ་ཁྲེལ་བར་མི་འགྱུར་ (རམ) གྲང་། །ཞེས་པ་ལྟ་བུ།