From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲངས་གནས་དྲུག་ཅུ
|
Tibetan Definition
|
མདོ་སིལ་བུ་ལས་གསུངས་པའི་གྲངས་གནས་དྲུག་ཅུ་ནི། ༡ གཅིག ༢ བཅུ། ༣ བརྒྱ། ༤ སྟོང་། ༥ ཁྲི། ༦ འབུམ། ༧ ས་ཡ། ༨ བྱེ་བ། ༩ དུང་ཕྱུར། ༡༠ ཐེར་འབུམ། ༡༡ ཐེར་འབུམ་ཆེན་པོ། ༡༢ ཁྲག་ཁྲིག (འདི་ལ་བྱེ་བ་ཁྲག་ཁྲིག་ཅེས་ཀྱང་ཟེར) ༡༣ ཁྲག་ཁྲིག་ཆེན་པོ། ༡༤ རབ་བཀྲམ། ༡༥ རབ་བཀྲམ་ཆེན་པོ། ༡༦ གཏམས། ༡༧ གཏམས་ཆེན་པོ། ༡༨ དཀྲིགས། ༡༩ དཀྲིགས་ཆེན་པོ། ༢༠ མི་འཁྲུགས་པ། ༢༡ མི་འཁྲུགས་པ་ཆེན་པོ། ༢༢ ཁྱད་ཕྱིན། ༢༣ ཁྱད་ཕྱིན་ཆེན་པོ། ༢༤ པང་སྟེང་། ༢༥ པང་སྟེང་ཆེན་པོ། ༢༦ དེད་འདྲེན། ༢༧ དེད་འདྲེན་ཆེན་པོ། ༢༨ མཐའ་སྣང་། ༢༩ མཐའ་སྣང་ཆེན་པོ། ༣༠ རྒྱུ་རིག ༣༡ རྒྱུ་རིག་ཆེན་པོ། ༣༢ འོད་མཛེས། ༣༣ འོད་མཛེས་ཆེན་པོ། ༣༤ དབང་པོ། ༣༥ དབང་པོ་ཆེན་པོ། ༣༦ ལེགས་སྦྱིན། ༣༧ ལེགས་སྦྱིན་ཆེན་པོ། ༣༨ རྟོགས་འགྲོ། ༣༩ རྟོགས་འགྲོ་ཆེན་པོ། ༤༠ འབྱིང་རྡུལ། ༤༡ འབྱིང་རྡུལ་ཆེན་པོ། ༤༢ རྒྱ་རྟགས། ༤༣ རྒྱ་རྟགས་ཆེན་པོ། ༤༤ སྟོབས་འཁོར།་༤༥ སྟོབས་འཁོར་ཆེན་པོ། ༤༦ བརྡ་ཤེས། ༤༧ བརྡ་ཤེས་ཆེན་པོ། ༤༨ རྣམ་འབྱུང་། ༤༩ རྣམ་འབྱུང་ཆེན་པོ། ༥༠ སྟོབས་མིག ༥༡ སྟོབས་མིག་ཆེན་པོ། ༥༢ གྲངས་མེད་པ་སྟེ་ལྔ་བཅུ་ང་གཉིས་སོ། ། “བར་གྱི་གནས་བརྒྱད་ནི་མ་རྙེད་དོ” ཞེས་དབྱིག་གཉེན་གྱིས། མཛོད་རང་འགྲེལ་ན་གསལ་བར་གསུངས་ཤིང་། བུ་སྟོན་རིན་པོ་ཆེ་ཡང་དེ་ལྟར་གསུང་ངོ་། །འོན་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གཡའ་སེལ་༥༦ན༡དང་། བོད་རྒྱ་ཚིག་མཛོད་ཆེན་མོ་རྣམས་སུ། ༼ ༥༢ བྱམས་པ། ༥༣ བྱམས་པ་ཆེན་པོ། ༥༤ སྙིང་རྗེ། ༥༥ སྙིང་རྗེ་ཆེན་པོ། ༥༦ དགའ་བ། ༥༧ དགའ་བ་ཆེན་པོ། ༥༨ བཏང་སྙོམས། ༥༩ བཏང་སྙོམས་ཆེན་པོ ༽ཞེས་སྣོན་པ་བརྒྱད་གསུངས་འདུག་པས། བར་གྱི་གནས་བརྒྱད་པོ་དེ་དག་གཞུང་གང་ཞིག་ལ་ཁུངས་གཏུགས་ནས་གསུངས་པ་ཡིན་མིན་དཔྱད་པར་བྱའོ། །
|