From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པའི་སོར་བཤགས
|
Tibetan Definition
|
(འདུལ་བ) སོར་བཤགས་བཞིའི་གཉིས་པ། གྲལ་རིམ་དུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པའི་སོར་བཤགས་ཀྱི་ངོ་ཏི་ནི། དགེ་སློང་གསུམ་ཡན་ཆད་ཁྱིམ་པས་མགྲོན་དུ་བོས་པ་ན་དགེ་སློང་མས་བསྐོས་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པས་བཅས་ལྡན་དགེ་སློང་གིས་ཟོས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་ཁྱིམ་པས་དགེ་འདུན་ལ་མཆོད་སྟོན་འདྲེན་པ་ན། དགེ་སློང་མས་བསྐོ་བཤམ་ཕྱིན་ཅི་ལོག་ཏུ་བྱེད་པ་དེ་མ་བཟློག་པར་དྲུག་སྡེ་རྣམས་ཀྱིས་ཟོས་པ་ལས་སོ་སོར་བཤགས་པར་བྱ་བ་བཅས་སོ། །དགག་བྱ་ནི་ཆགས་པས་རྐྱེན་བྱས་ཏེ་རང་རིགས་ཀྱི་བསླབ་པ་ལ་གནོད་པ་དང་། གྲོགས་ཀྱི་འཚོ་བ་ལ་གནོད་པའོ། །
|