1730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲིམས་ལྷོད་རན་པའི་ས་མཚམས
Tibetan Definition ཞི་གནས་སྒྲུབ་སྐབས། རང་གིས་བརྟགས་པ་ན་རིག་པའི་འཕང་འདི་ཙམ་ཞིག་བསྟོད་ན་རྒོད་པ་སྐྱེ་ངེས་པར་འདུག་སྙམ་པའི་ཚད་དེ་ལས་ནི་ལྷོད་ལ། འདི་ཙམ་ཞིག་ལ་བཞག་ན་བྱིང་བ་སྐྱེ་སླ་བར་འདུག་སྙམ་པའི་ཚད་དེ་ལས་ཀྱང་འཕང་མཐོ་བའི་འཇོག་ཚུལ་ལ་བྱའོ། །སེམས་གནས་སྒྲུབ་སྐབས། འབད་པས་བསྒྲིམས་ཏེ་བརྩོན་པ་བསྟེན་ན་ནི་རྒོད་པ་འབྱུང་ལ། སེམས་ལྷོད་ཅིང་རྩོལ་བ་སྤངས་ན་ནི་སེམས་ནང་དུ་ཞུམ་པའི་བྱིང་བ་སྐྱེ་བས། གྲིམས་ལྷོད་རན་པའི་ས་མཚམས་ཤེས་པ་ཤིན་ཏུ་གལ་ཆེའོ། །