From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲུབ་དང་བདེ་བ
|
Tibetan Definition
|
གཏན་དུ་བདེ་བ་ཞེས་པའི་དོན་ཡིན། ཚོམས་ལས། མྱུར་དུ་འཇིག་ཅིང་ན་བ་དང་། །རྣག་དང་ལྡན་པའི་ལུས་འདི་ཡིས། །གྲུབ་དང་བདེ་བ་བླ་མེད་པ། །ཞི་མཆོག་དོན་དུ་གཉེར་བར་གྱིས། །ཞེས་དང་། དེའི་ཐད་ཀྱི་ཚོམས་ཀྱི་འགྲེལ་པ་༼ ཏུ ༽༨༥བ༡ལས། གྲུབ་དང་བདེ་བ་ནི་རྟག་པ་ཉིད་དུ་གྲུབ་པས་འཇོག་པ་མེད་པའོ། །བླ་ན་མེད་པ་ནི་སྡུག་བསྔལ་མེད་པའི་ཕྱིར་རོ། །ཡང་ན་གྲུབ་པ་དང་བདེ་བ་ནི་གྲུབ་པ་དང་བདེ་བའོ། །མྱ་ངན་ལས་འདས་པ་དེ་ན་འབྲལ་བ་མེད་པས་གྲུབ་པ་ནི་གཏན་དུ་བདེ་བ་ཉིད་ཀྱི་ཕྱིར་རོ། །དགེ་བ་ཡིན་པའི་ཕྱིར་བདེ་བ་སྟེ། སྡུག་བསྔལ་མཐའ་དག་དང་བྲལ་བའི་ཕྱིར་རོ། །བླ་ན་མེད་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ནི་བླ་ན་ཡོད་པ་ཡིན་ལ། ཐར་པ་ནི་བླ་ན་མེད་པ་སྟེ། རྟག་ཏུ་དགེ་བ་ཉིད་ཡིན་པའི་ཕྱིར་རོ། །
|