1749

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་དོན་ས་གསུམ
Tibetan Definition གྲུབ་མཐའ། ས་ལམ། དོན་བདུན་ཅུ་བཅས་གཞུང་གསུམ་གྱི་བསྡུས་མིང་། གྲུབ་མཐའི་ནང་། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་ཀྱི་འདོད་ཚུལ་རྣམས་གསལ་བར་བཤད་ཡོད། ས་ལམ་གྱི་ནང་། གང་ཟག་ཅིག་དང་པོ་ཚོགས་ལམ་ལ་ཞུགས། དེ་ནས་སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ཀྱི་ལམ་ལ་བགྲོད་ཚུལ་གྱི་རིམ་པ་རྣམས་གསལ་བར་བཤད་ཡོད། དོན་བདུན་ཅུའི་ནང་། མངོན་རྟོགས་རྒྱན་གྱི་བརྗོད་བྱ་རྣམས་མདོར་བསྡུས་ཏེ་ཚིག་ཉུང་ལ་དོན་གསལ་བར་བཤད་ཡོད། དགེ་ལུགས་པའི་གདན་ས་སེ་ར་ལྟ་བུ་ཡིན་ན། བསྡུས་གྲྭ་གསུམ་དང་བློ་རྟགས་བཅས་སློབ་གཉེར་ཟིན་རྗེས། དེ་ནས་གྲུབ་དོན་ས་གསུམ་བལྟ་དགོས།