1752

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གྲུབ་མཐའ
Tibetan Definition 1 འདོད་ཚུལ། བསམ་ཚུལ། ལྟ་ཚུལ་བཅས་ཀྱི་དོན། དེ་ཡང་ལུང་རིགས་ཀྱིས་གཏན་ལ་ཕབ་པའི་འདོད་ཚུལ་ཞིག་ལ་གྲུབ་མཐའ་ཟེར། ཞིབ་པར་བཤད་ན། ལྕང་སྐྱའི་གྲུབ་མཐའ་ལས། སིདྡྷྱནྟ་ཞེས་པའི་སྐད་ཀྱི་བྱིངས་ལས་བསྟན་བཅོས་དང་། དམ་ཚིག་དང་། ཡང་དག་པ་རྟོགས་པ་སོགས་ལ་འཇུག་པར་བཤད་ཀྱང་། འདིར་ནི་རང་གི་བློ་ངོར་ཡང་དག་པའི་གནས་ལུགས་སམ་དོན་གྱི་གནས་ཚུལ་ནི་འདི་ཉིད་ལས་གཞན་དུ་མེད་དོ་སྙམ་དུ་རིགས་པས་གྲུབ་པའམ་ཐག་བཅད་པའི་ཆ་ལ་བྱ་སྟེ། སིདྡྷི་ནི་གྲུབ་པ་དང་། ཨནྟ་ནི་མཐའ་ཡིན་ནོ། །ཞེས་གསུངས་པ་ལྟར་དང་། ཡང་། ཀུན་མཁྱེན་རོང་སྟོན་ཆེན་པོས། གྲུབ་མཐའི་དོན་ནི། བླང་དོར་གྱི་དོན་ལ་རྣམ་པར་དཔྱོད་པ་ཞུགས་པའི་གང་ཟག་རང་རང་གི་འདོད་པས་ཡོངས་སུ་དཔྱད་པའི་དོན་ཡིན་ལ། ཞེས་གསུངས། སྒྲ་བཤད་ནི། རང་རང་གི་ལུགས་ཀྱི་ལུང་རིགས་ཀྱིས་གྲུབ་པས་དེ་ལས་ཕར་ནམ་ཡང་འགྲོ་ས་མེད་པས་ན་མཐའ་ཞེས་བྱའོ། །ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས་ཏེ་བཀོད།