From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀུན་བཏགས
|
Tibetan Definition
|
<པ་རི་ཀལྤི་ཏ> 1 རྟོག་པས་སྒྲོ་བཏགས་ཀྱི་ཆ་ལ། ཀུན་བཏགས་ཞེས་བྱའོ། །དེ་ཡང་ལེགས་སྦྱར་གྱི་སྐད་དོད་ “པ་རི་ཀལྤི་ཏ” ཞེས་པའི་ “པ་རི” ནི་ཡོངས་སུ་ཞེས་པའི་དོན་དང་། “ཀལྤི་ཏ” ནི་བཏགས་པའི་དོན་ནོ། །དེ་ལ་དབྱེ་ན། རྣམ་གྲངས་པའི་ཀུན་བཏགས་དང་། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་གཉིས། སྔ་མ་དང་ཡོད་རྒྱུའི་ཀུན་བཏགས་དོན་གཅིག ཕྱི་མ་དང་མེད་རྒྱུའི་ཀུན་བཏགས་དོན་གཅིག སྒྲ་བཤད་ནི། རང་གི་ངོ་བོ་རྣམ་རྟོག་གིས་ཀུན་ཏུ་བཏགས་པ་ཙམ་ཡིན་པས་ན་ཀུན་བཏགས་ཞེས་བྱའོ། །དེ་ཡང་ཀུན་ཏུ་ཞེས་པ་དོན་མང་པོ་ལ་འཇུག་ཀྱང་། འདིར་ཡོངས་སུ། ཀུན་ནས། རྣམ་པར། ལྷག་པར། ཤིན་ཏུ། ཆེས་ཆེར། ཧ་ཅང་ཞེས་པར་འཇུག་པའི་དབང་དུ་བྱས་ནས། རྟོག་པས་ཀུན་ཏུ་སྟེ་ལྷག་པར་སྒྲོ་བཏགས་པས་ན་ཀུན་བཏགས་ཞེས་བྱའོ། །འདི་ལ་ཀུན་བཏགས་དང་། ཀུན་བརྟགས་ཞེས་འབྲི་ཚུལ་གཉིས་འབྱུང་ལ། དེའི་རྒྱུ་མཚན་ཡང་། སྐད་དོད་ “པ་རི་ཀལྤི་ཏ” ཞེས་པ། ཀུན་བཏགས་དང་། ཀུན་བརྟགས་གཉིས་ཀ་འཇུག་པས་ཡིན་ནམ་སྙམ་ཡང་དཔྱད་དོ། །སྒོ་མང་གི་ཡིག་ཆ་ཞིག་ཏུ་དེ་གཉིས་ཁྱད་པར་ལ་དཔྱད་པ་ཞིག་མཐོང་མྱོང་ཡང་། ད་ནི་གང་ཡང་མི་དྲན་འདུག གང་ལྟར་ཡང་། ཀུན་བཏགས་ཞེས་པ་ལེགས་པ་ཡིན་ནོ། ། 2 གྲུབ་མཐས་བཏགས་ནས་གསར་དུ་བྱུང་བའི་ཆོས་ཤིག་ལ། ཀུན་བཏགས་ཞེས་བྱའོ། །དཔེར་ན་བདེན་འཛིན་ཀུན་བཏགས་ཞེས་པ་དང་། འཛིན་པ་ཀུན་བཏགས་ཞེས་པ་ལྟ་བུ། ལྷན་སྐྱེས་ཀྱི་ལྡོག་ཕྱོགས།
|