From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གྲོལ་བ་འབྲས་བུའི་དབང
|
Tibetan Definition
|
(གསང་སྔགས) དབང་གསུམ་གྱི་ཡ་གྱལ་ཏེ། མི་སློབ་པའི་ཟུང་འཇུག་ལ་ཟེར། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དབང་དོན་དེ་ཉིད་ཡང་གསལ་༢༦ན༡ལས། གྲོལ་བ་འབྲས་བུའི་དབང་ནི། མཐར་ཐུག་མི་སློབ་པའི་ཟུང་འཇུག་ཡིན་ལ། རྗེའི་སྔགས་རིམ་ཆེན་མོ་ལས། གལ་ཏེ་ཡན་ལག་བདུན་ལྡན་བཞི་པ་ཡིན་མོད་ཀྱང་དབང་སྐུར་དུ་ཇི་ལྟར་རིགས་སྙམ་ན། ཆུ་དབང་ལ་སོགས་པ་རྣམས་དྲི་མ་དག་པར་བྱེད་པས་དབང་སྐུར་དུ་འཇོག་པ་དེ་བཞིན་དུ་ཡན་ལག་བདུན་ལྡན་གྱི་བསྒྲུབ་བྱས་ཀྱང་རྣམ་པ་ཐམས་ཅད་དུ་དྲི་མ་མེད་པར་བྱེད་པས་དབང་སྐུར་རོ། །ཞེས་རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་སྒྲིབ་པའི་དྲི་མ་ཐམས་ཅད་དུས་ནམ་དུའང་སྐྱེ་བ་བཀག་པའི་ཆ་ནས་དབང་དུ་གསུངས་ཏེ། ཨ་བྷི་ཥིཉྩའི་ངེས་ཚིག་དྲི་མ་འཁྲུད་པའི་སྟེང་ནས་བཤད་པའོ། །ཞེས་གསུངས།
|