From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གླ་རྩི
|
Tibetan Definition
|
རི་དྭགས་གླ་བའི་རྩི་སྨན་ཞེས་པ་ཧ་ཅང་རིན་ཐང་ཆེ་བའི་སྨན་རྩི་ཞིག འདི་ནི་གསེར་ལས་ཀྱང་རིན་ཐང་ཆེས་ཆེ་བ་ཡིན། རོ་ཁ། ཞུ་རྗེས་བསིལ། ནུས་པས་དུག་ནད་དང་། མཆིན་ནད། མཁལ་མའི་གཉན་ཚད། སྲིན་ནད། གཉན་རིམས་བཅས་ལ་ཕན་པར་བཤད། ནུབ་ཕྱོགས་པས་འདི་གཙོ་བོར་ལུས་ལ་འབྱུག་རྒྱུའི་དྲི་ཞིམ་པོའི་བྱུག་རྫས་སུ་བེད་སྤྱོད་བྱེད། ས་སྐྱ་ལེགས་བཤད་ལས། ལེགས་བཤད་བྱིས་པ་དག་ལས་ཀྱང་། །མཁས་པ་རྣམས་ནི་ཡོངས་སུ་ལེན། །དྲི་ཞིམ་བྱུང་ན་རི་དྭགས་ཀྱི། །ལྟེ་བ་ལས་ཀྱང་གླ་རྩི་ལེན། །ཞེས་གསུངས་པ་ལྟར། གླ་རྩི་ནི་གླ་བ་ཕོ་ལ་གཏོགས་མོ་ལ་མི་འབྱུང་ལ། དེ་འབྱུང་བའི་གནས་ཀྱང་རི་དྭགས་ཀྱི་ལྟེ་བའི་ཐད་དུ་ཡོད་པ་ལྟ་བུར་བཤད་ཀྱང་། འགའ་ཞིག་གིས་གླ་རྩི་ནི་གླ་བའི་ཕོ་རྟགས་ཀྱི་འབྲས་བུ་ལ་ཟེར་གྱི་ཡོད་རེད་ཟེར་ཞིང་། དེ་ཡང་བ་ལང་དང་འདྲ་བར་བརླ་གཉིས་ཀྱི་བར་དུ་ཡོད་རེད་ཟེར། འདི་ལ་ཕྱི་རྒྱལ་བས་musk ཟེར་ལ། ལེགས་སྦྱར་དུ་ “མུཥྐ” “मुष्कः” Muska ཟེར་བས། དེ་ནི་རླིག་རིལ་ལམ་ཕོ་རྟགས་ཀྱི་འབྲས་བུའི་མིང་ཡིན་པས་སོ་སྙམ་ཡང་། ས་པཎ་གྱིས་གསུངས་པ་ལྟར་ལྟེ་བའི་ཐད་དུ་ཡོད་པ་ཉིད་འཐད་ལྡན་དུ་གཟུང་ངོ་། །
|