1840

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གླལ་བ
Tibetan Definition གཉིད་བྲོ་ནས་སམ་ཐང་ཆད་ཅིང་ཉོབ་ནས་ཁ་གདངས་པ་ལ་ཟེར། ཕལ་སྐད་དུ་ཨལ་སྟོང་རྒྱབ་ཟེར་བ་དེའོ། །འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༡༣༢བ༤ ལས། གླལ་ཞེས་བྱ་བ་ནི་ཁ་གདངས་པའོ། །ཞེས་དང་། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་༡༣༨ན༣ལས། ལག་པའམ་ཆོས་གོས་ཀྱི་ནི་ཐ་མ་ཡིས། །ཁ་དག་རབ་ཏུ་བཀབ་སྟེ་གླལ་བར་བྱ། །ཞེས་དང་། འོན་ཏེ་གླལ་བྱུང་ན་ལག་པའམ་གོས་ཀྱི་ཐ་མས་ཁ་བཀབ་སྟེ་གླལ་བར་བྱའོ། །ཞེས་གསུངས་སོ། །དེང་སང་ནུབ་ཕྱོགས་ན་གླལ་བའི་ཚེ་གུས་ཞབས་ཀྱི་ཐོག་ནས་དགོངས་དག་ excuse me ཅེས་བརྗོད་སྲོལ་ཞིག་ཡོད་མོད། གླལ་བའི་ཚེ་ཁ་འགེབས་པའི་ཡ་རབས་ཀྱི་བཟང་སྤྱོད་འདི་ནི་ཤར་ཕྱོགས་པ་རྣམས་ལ་མི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་དོ། །