From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གླིང་སྨད་ཞབས་དྲུང
|
Tibetan Definition
|
ལམ་རིམ་ལ་ཤིན་ཏུ་མཁས་པར་གྲགས་པའི་༸རྒྱལ་མཆོག་ལྔ་པ་ཆེན་པོའི་བླ་མ་ཞིག དུ་ཀཱུ་ལའི་གོས་བཟང་གླེགས་བམ་སྟོད་ཆ་༢༤༧ལས། བྱང་ཆུབ་ལམ་གྱི་རིམ་པ་ལ་རྗེ་བླ་མ་ནས་འཇམ་དབྱངས་སྟག་ལུང་བྲག་པའི་བར་དུ་བཤད་རྒྱུན་ཉམས་པ་མེད་པ་གླིང་སྨད་ཞབས་དྲུང་ལ་མངའ་ཞིང་དུས་ཐོག་དེར་ལམ་རིམ་ལ་དེ་ལས་མཁས་པ་མེད་པར་ངེས་པ་རྙེད་དེ་གསང་སྔགས་མཁར་ནས་གདན་དྲངས། ལམ་རིམ་ཆེན་མོའི་སྤྱོད་པ་སྤྱི་བསླབ་ཡན་ལ་ཞིབ་བཤད། ཞི་ལྷག་ལ་དོན་བསྡུ། ལམ་རིམ་ཆུང་བའི་ཞི་ལྷག་ལ་ཞིབ་བཤད་དང་དེ་ཕྱིན་ལ་ལྗགས་ལུང་གནང་ཞིང་གསུང་བཤད་རྣམས་ལ་རྒྱུགས་འབུལ་ཀྱང་ཞུས། ལར་སྣམ་བུ་འདོམ་རེ་རྙེད་པ་ལ་དཀའ་ཚེགས་མི་འདུག་ཀྱང་པཎ་ཞྭ་སེར་པོ་སྣེ་རིང་ཚད་ཀྱིས་ལམ་རིམ། ས་ཞུ་འབྱོར་ཚད་ཀྱིས་ལམ་འབྲས། ཨོ་རྒྱན་པཎ་ཞུ་དམར་ཟིང་ཚད་ཀྱིས་རྫོགས་ཆེན། སྒོམ་ཞྭ་པུས་འཁྱུད་ཡོད་ཚད་ཀྱིས་ཕྱག་ཆེན་འཆད་ག་ལ་ཤེས། ཆོས་འདི་ཤེས་པ་ཞིག་ལ་གཏུགས་པ་གནད་ཆེ་བར་སྣང་། ཞེས་གསུངས།
|