From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གླེ་འདམས་པ
|
Tibetan Definition
|
(འདུལ་བ) མོ་མཚན་དང་བཤང་ལམ་གཅིག་ཏུ་གྱུར་པའི་ནད་དང་ལྡན་པའི་བུད་མེད་ཀྱི་མིང་། དཔེར་ན་གླེ་འདམས་པ་མ་ཡིན་ནམ་ཞེས་པ་ལྟ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། བུད་མེད་ཀྱི་མཚན་དང་བཤང་བའི་ལམ་དང་བཅས་པ་གཅིག་ཏུ་གྱུར་པ་གང་ལ་ཡོད་པ་དེ་ནི་འདིར་གླེ་འདམས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ལི་ཤིའི་གུར་ཁང་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་སུ་སླེ་འདམས་པའམ། སླེ་འདམ་ཅན་ཞེས་འབྱུང་ཡང་། འདུལ་བ་ལུང་གཞི། མདོ་རྩ་འགྲེལ་གཉིས། ལུང་ཕྲན་ཚེགས་ཀྱི་འགྲེལ་པ། ལུང་ཞུ་བའི་འགྲེལ་པ། ལུང་གཞི་རྒྱ་ཆེར་སོགས་གཞུང་ཁུངས་བཙུན་རྣམས་སུ་གླེ་འདམས་པ་ཞེས་འབྱུང་བ་ལས་སླེ་འདམས་ཞེས་མི་འབྱུང་བས་ཁུངས་བཙལ་དགོས་སོ། །
|