1880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ང་རྒྱལ་དགུ
Tibetan Definition (མཛོད) བདག་མཆོག་ཡིན་ནོ། །བདག་དང་འདྲའོ། །བདག་དམན་ནོ། །ཞེས་གཞན་ལ་ལྟོས་ནས་བདག་ལ་སྒྲུབ་པར་རློམ་པ་གསུམ། བདག་པས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་པས་དམན་པ་ཡོད་དོ། །ཞེས་པ་བདག་ལ་ལྟོས་ནས་གཞན་ལ་སྒྲུབ་པར་རློམ་པ་གསུམ། བདག་པས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་པས་དམན་པ་མེད་དོ། །ཞེས་བདག་ལ་ལྟོས་ནས་གཞན་ལ་དགག་པ་གསུམ་སྟེ་དགུའོ། །འདི་ནི་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལས་བཤད་པའི་ང་རྒྱལ་དགུ་ཡིན་ནོ། །མཛོད་རང་འགྲེལ་ལྟར་བཀོད།