1884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་ཀྱལ
Tibetan Definition (ཕར་ཕྱིན) དོན་མེད་བྱུང་རྒྱལ་དུ་སྨྲ་བའི་ངག་ལ་ཟེར། ཡང་ཚིག་སྔ་ཕྱི་འབྲེལ་བ་མེད་ཅིང་མི་སྦྱོར་བའི་ངག་ལ་བཤད་པའང་ཡོད། རྗེའི་ལམ་རིམ་ཆེན་མོ་དང་། མདོ་སྡེ་དྲན་པ་ཉེར་གཞག་ལས་ངག་ཀྱལ་ཞེས་བྲིས་སྣང་། ཡང་རྗེའི་ལམ་རིམ་འབྲིང་པོར་ངག་བཀྱལ་ཞེས་ཀྱང་སྣང་ངོ་། །སྒྲ་བཤད་ནི། ཀྱལ་ནི་ཀྱལ་ཀ་སྟེ་ཀུ་རེའམ་དོན་མེད་རྩེ་མཚར་གྱི་རྣམ་པའི་ངག་ཡིན་པས་དེ་སྐད་ཅེས་བྱའོ། །