1887

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངག་དབེན
Tibetan Definition (གསང་སྔགས) ལུགས་འདིའི་རྣལ་འབྱོར་པས་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམས་པས་སྟེང་འོག་གི་རླུང་རྣམས་སྙིང་གའི་དྷཱུ་ཏཱིའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ནས་བསྒོམས་སྟོབས་ཀྱིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ཏེ་རླུང་སྙིང་གའི་མི་ཤིགས་པ་ལ་ཞུགས་གནས་ཐིམ་བྱས་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་མ་སྐྱེས་པའི་གནས་སྐབས་ཀྱི་རྫོགས་རིམ་ནི། འཕགས་ལུགས་ཀྱི་རྫོགས་རིམ་ལ་རིམ་པ་དྲུག་ཏུ་བྱས་པའི་རིམ་པ་གཉིས་པའི་ངོ་བོའོ། །ངག་དབེན་གྱི་དབེན་གཞི་ནི། ཐ་མལ་པའི་རླུང་གི་ལྡང་འཇུག་གནས་གསུམ་མོ། །དབེན་རྒྱུའི་དགག་བྱ་ནི། རླུང་སྔགས་ཐ་དད་དུ་ཞེན་པ་སྟེ། ངག་དང་ཡི་གེ་གསུམ་གྱི་གདངས་ཐ་དད་དུ་ཞེན་པའོ། །དབེན་པའི་དོན་ནི། རླུང་གི་གདངས་དང་ཡི་གེ་གསུམ་གྱི་གདངས་དབྱེར་མེད་དུ་འཆར་བ་ལ་ཟེར་རོ། །