1892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ངང་པའི་རྒྱལ་པོ
Tibetan Definition <རཱ་ཛཱ་ཧཾ་ས> ངང་པ་ནག་པོ་ངང་སྐྱ་ལས་གཟུགས་ཉིས་འགྱུར་གྱིས་ཆེ་བ་དེ་ལ་རཱ་ཛཱ་ཧཾ་ས་སྟེ་ངང་པའི་རྒྱལ་པོར་འབོད། འདི་ཡང་ལུས་ཐམས་ཅད་ནག་པ་ཡིན་གྱི་སྒྲོ་དང་བྲང་ལ་ནག་ཁྲ་ཙམ་ཡོད་ཅིང་། སྐད་ནི་ངང་པ་དཀྱུས་མ་ཚོ་དང་ཅུང་མི་འདྲ། ཞེས་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ན་གསལ་ལོ། །མངོན་བརྗོད་རྣམས་སུ་ནི་ངང་པའི་རྒྱལ་པོ་ཞེས་པ། ལུས་དཀར་ལ་མཆུ་དང་རྐང་པ་དམར་བ་ཞིག་ལ་འདོད་དེ། མངོན་བརྗོད་མཁས་པའི་རྣ་རྒྱན་ལས། ངང་པའི་རྒྱལ་པོའི་མིང་། ལུས་དཀར་དྲི་ལྡན་ཕྲེང་བ་ཅན། །ཡུལ་འཁོར་འཛིན་དང་ (འདིའི་ཁྱད་ཆོས་ལ་མཆུ་དང་རྐང་པ་དམར་པོར་འོང་བས) མཆུ་རྐང་དམར། །ངང་པའི་རྒྱལ་པོའི་ (བྱེ་བྲག) ངང་སྐྱ (འི་མིང) ལ། །བ་ལ་ཀ་དང་པད་ཟླུམ་མགྲིན། །ཞེས་ཀྱང་འབྱུང་ངོ་། །མདོར་ན། མདོག་དཀར་ལ་མགྲིན་པ་དང་རྐང་པ་རིང་བའི་སྒེག་ཉམས་མཛེས་སྡུག་ལྡན་པའི་བྱ་རིགས་དེ་དག་ཐམས་ཅད་ངང་པའི་རྒྱལ་པོའི་རིགས་སུ་གཏོགས་པར་སེམས་སོ། །ལུས་པོ་ཆུང་ལ་སྐེ་དང་རྐང་པ་ཐུང་བའི་བྱ་དེར་ཕྱི་རྒྱལ་བས་Duck དང་རྒྱ་གར་བས་ཧཾས་ཟེར་བ་དེ་མིན་པར། རཱ་ཛཱ་ཧཾ་སའམ་ Swan ཟེར་བ་དེའོ། །རྗེའི་སྐབས་གསུམ་མ་ལས། ནམ་མཁའི་ལམ་ནས་ཆོ་འཕྲུལ་དུ་མ་ཡིས། །ངང་པའི་རྒྱལ་པོ་བཞིན་དུ་ལྡིང་ཞིང་གཤེགས། །ཞེས་གསུངས་པའི་བྱ་རིགས་དེའོ། །